上海联盟

为了健康,请定期体检 བདེ་ཐང་ནི་རྩ་བ་ཡིན།

只看楼主 收藏 回复
  • - -
楼主

དུས་བཀག་ལྟར་གཟུགས་པོར་བརྟག་དཔྱད་བྱས་ཚེ། གཟུགས་པོའི་བདེ་ཐང་གི་གནས་ཚུལ་ཤེས་རྟོགས་ཐུབ་ལ། སྔ་ས་ནས་སྔོན་འགོག་དང་སྨན་བཅོས་བྱེད་པར་ཕན་པ་ཆེན་པོ་ཡོད། གལ་ཏེ་ཁྱེད་རང་གིས་གཟུགས་པོར་བརྟག་དཔྱད་བྱས་ཏེ་ནད་གཞི་གང་ཡང་མེད་ཚེ། དེ་ནི་བཀྲ་ཤིས་པའི་གཏམ་ཞིག་སྟེ། ལུས་ལ་ན་ཚ་གང་ཡང་མེད་ན་ཁྱེད་རང་གིས་རྣམ་ཀུན་ཟས་སྤྱོད་རྣམས་ལུགས་དང་མཐུན་པའི་བདེ་ཐང་གི་འཚོ་བ་སྐྱེལ་སྟངས་རྒྱུན་འཁྱོངས་བྱས་ནས་མུ་མཐུད་བདེ་ཐང་ཡོང་བར་འབད་བརྩོན་བྱ་དགོས། དེ་མིན་གཟུགས་པོར་བརྟག་དཔྱད་བྱས་རྗེས་བདེ་ཐང་གི་གནད་དོན་དང་། ཡང་ན་ལུས་ལ་ན་ཚ་ཡོད་པ་ཤེས་ཚེ་དུས་ཐོག་ཏུ་ཚད་ལྡན་གྱི་སྨན་པ་བསྟེན་ནས་སྨན་བཅོས་བྱེད་པ་དང་། རྣམ་ཀུན་འཚོ་བའི་ནང་བདེ་ཐང་ལ་གནོད་པའི་གོམས་གཤིས་ངན་པ་དོར་ཏེ་བདེ་ཐང་གི་འཚོ་བར་རོལ་བར་བརྩོན་དགོས།

定期进行健康体检,了解身体健康状况,及早发现健康问题和疾病。对检查中发现的健康问题和疾病,应及时就医。有针对性地改变不良的行为习惯,减少健康危险因素。

文稿、音频来源:城市健康人生

图片来源:网络

གཙོ་སྒྲིག་པ། ཁྲི་གོང་ཨོ་རྒྱན་ཚེ་རིང་།

གཙོ་སྒྲིག་གཞོན་པ། ལྕགས་བྱམས་སྒྲོལ་མ།

རྩོམ་སྒྲིག་པ། ཚེ་རིང་དབང་མོ།

主编:吾见才让

副主编:吉先卓玛

编辑:次仁旺姆

  སེམས་ཀྱི་ཞིང་ཁམས་ཞེས་པའི་སྐད་འཕྲིན་འདི་ནི། བོད་ལྗོངས་བརྙན་འཕྲིན་ལས་ཁུངས་ཀྱིས་བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཡུལ་སྲོལ་གོམས་གཤིས། གླུ་གར་ལ་སོགས་གཙོ་བོར་སྤེལ་བའི་རྒྱལ་ཡོངས་ཀྱི་བོད་རྒྱ་ཡིག་རིགས་གཉིས་ཀྱི་གཞུང་ཕྱོགས་སྤྱི་དམངས་སྐད་འཕྲིན་སྟེགས་བུ་གཅིག་པུ་དང་། བོད་ཀྱི་ཤེས་རིག་རྒྱུས་ལོན་བྱེད་སའི་དབང་གྲགས་ཅན་གྱི་སྐར་ཁུང་ཞིག་ཀྱང་ཡིན་པས། རྒྱ་ཆེའི་སྤྱོད་མཁན་ཚོས་སྐད་འཕྲིན་འདིར་དོ་སྣང་བྱེད་པའི་དུས་མཚུངས་སུ། ཁྱེད་ཀྱི་སེམས་ཁོངས་ན་འཕྱུར་བའི་བརྗོད་བྱ་དག་རྩོམ་ལུས་སྣ་ཚོགས་ལ་དྲངས་ནས། ཁྱད་པར་དུ་པར་རིས་དང་བརྙན་ཐུང་གི་བརྩམས་ཆོས་གང་མང་འདི་གར་བསྐུར་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུའོ།།

འབྲེལ་གཏུགས་བྱེད་ས། ༢༠༤༣༢༢༠༡༥༥@qq.com

  “阳光西藏”是西藏电视台以西藏历史文化、民俗旅游、藏族歌舞为主要内容的全国唯一藏汉双语官方微信公众平台,是您了解西藏,阅读西藏的权威窗口,我们秉承“权威发布,多样服务”的宗旨,希望广大用户踊跃投稿!

联系地址:2043220155@qq.com



举报 | 1楼 回复

友情链接